提醒看到这些千万别停车,分分钟罚200扣3分!随处可见!ཁ་ལོ་བ་ཚོས་ཡིད་གཟབ་བྱེད་དགོས་པ་འགའ།

 

在日常行车过程中,下面这几个地方是不能停车的,否则,罚款、扣分!但只要你弄明白这些禁停标志标线,估计停车就会...



ཁ་ལོ་བ་ཚོས་ནམ་རྒྱུན་རླངས་འཁོར་གཏོང་སྐབས་གཤམ་གྱི་ས་ཆ་འདི་དག་ལ་རླངས་འཁོར་བཞག་མི་ཆོག དེ་ལས་ལྡོག་ཚེ་ཉེས་ཆད་ཕོག་རྒྱུ་དང་སྐར་མ་འཐེན་རྒྱུ། ཁྱེད་རང་གི་རླངས་འཁོར་བཞག་མི་ཆོག་པའི་ལམ་རྟགས་དེ་དག་གསལ་པོ་ཤེས་ཚེ་དོན་དུ་རླངས་འཁོར་བཞག་བདེ་པོ་ཡོད།

在日常行车过程中,下面这几个地方是不能停车的,否则,罚款、扣分!但只要你弄明白这些禁停标志标线,估计停车就会很顺利了。
རླངས་འཁོར་བཞག་ཆོག་མིན་གྱི་དབྱེ་བ་གསལ་པོ་འབྱེད་རྒྱུ།

分清禁停和临停标志

རྒྱུན་མཐོང་གི་ལམ་ཟུར་མཚོན་རྟགས་གཉིས།

这两个标志都是路边最常见的。
བཀག་སྡོམ་བྱས་པའི་ཁྱབ་ཁོངས་ནང་རླངས་འཁོར་གནས་སྐབས་ཙམ་ཡང་བཞག་མི་ཆོག གནས་སྐབས་བཞག་ཆོག་པའི་ལམ་ཐིག་ནང་སྐར་མ་༣ནས་༥བར་བཞག་ཆོག་རུང་། དེ་ཡང་སོ་སོའི་རླུང་རྟ་དང་འབྲེལ་བ་ཡོད་པས་དུས་ཚོད་ག་ཚོད་ཀྱི་ཐུང་བ་དེ་ཚོད་ཀྱི་བདེ་འཇགས་ཆེ་བ་ཡོད།

禁停:在限定的范围内,禁止一切车辆临时或长时间停放。

临停:“禁止长时停车”。至于多长时间?只能说江湖默认3-5分钟,越快越安全。

ལམ་ཐིག་སེར་པོར་དོ་སྣང་བྱ་དགོས།

注意黄色禁停和临停标线

ང་ཚོས་དུས་རྒྱུན་ལམ་ཟུར་དུ་རླངས་འཁོར་བཞག་དུས་ངེས་པར་དུ་ལམ་ཐིག་སེར་པོ་དེར་ཡིད་གཟབ་བྱེད་དགོས། གལ་ཏེ། ཐིག་རིལ་ཡིན་ན་རླངས་འཁོར་བཞག་མི་ཆོག་པ་དང་། ཐིག་དུམ་ཡིན་ན་རླངས་འཁོར་གནས་སྐབས་བཞག་ཆོག

通常我们停靠路边,要特别小心路边是否划有黄色标线。一般分两种,一种是禁停(实线)的,一种是临停(近似虚线)的。
དྲ་མིག་སེར་པོའི་ནང་རླངས་འཁོར་བཞག་མི་ཆོག

黄色网格线禁止停车

དྲ་མིག་སེར་པོའི་ནང་འཁོར་རིགས་རྩ་བ་ནས་བཞག་མི་ཆོག དྲ་མིག་སེར་པོ་ཡོད་ས་ཕལ་ཆེ་བར་རླངས་འཁོར་འགག་བདེ་པོ་ཡོད་པ་དང་ཡང་ཁག་ཅིག་གཙོ་གནས་ལས་ཁུངས་ཀྱི་ཡར་འཛུལ་མར་ཐོན་བྱེད་སར་འཁེལ་གྱི་ཡོད།

黄色网格线禁止停车!黄色网格线禁止一切停车!因为网格线边上基本都是容易造成交通堵塞的路口或者重要单位的出入口。
ས་ཆ་འདི་དག་ལ་རླངས་འཁོར་རྩ་བ་ནས་བཞག་མི་ཆོག

交通法规定这些地方绝对不能停车

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལག་ལྟར་སྲོལ་ཡིག་ནང་ལམ་མདོ་ཁ་དང་། མེ་འཁོར་ལམ་ཁ། ཁ་གཅུ་ས། ཁ་ཞེང་སྨི་༤ལས་མེད་པའི་དོག་ལམ་དང་། ཟམ་པ། གཟར་ཁ། སྦུག་ལམ། དེ་བཞིན་གོང་གི་ས་ཆ་དེ་དག་དང་བར་ཐག་སྨི་༥༠ལས་མེད་པའི་ལམ་དུམ་ཚང་མར་རླངས་འཁོར་བཞག་མི་ཆོག་པའི་གཏན་འབེབས་བྱས་ཡོད།

《中华人民共和国道路交通安全法实施条例》规定,交叉路口、铁路道口、急弯路,宽度不足4米的窄路、桥梁、陡坡、隧道以及距离上述地点50米以内的路段,一律不得停车;公共汽车站、急救站、加油站、消防栓或消防队门前以及距离上述地点30米以内的路段,除使用上述设施的以外,也不得停车。

རླངས་འཁོར་སྐྱོད་སར་ཁ་ཕྱོགས་ནས་རླངས་འཁོར་མ་བཞག་ཚེ་ཁྲིམས་འགལ་དུ་བརྩི།

不按顺行方向停车算违停的机动车

ལམ་ཟུར་དུ་རླངས་འཁོར་འཇོག་སར་གནས་སྐབས་རླངས་འཁོར་བཞག་ཚེ། རླངས་འཁོར་སྐྱོད་སའི་ཕྱོགས་སུ་ཁ་གཏད་དགོས་པ་དང་། རླངས་འཁོར་འཁོར་ཐིག་ནས་བརྒལ་མི་ཆོག ཁ་ཕྱོགས་ཟློག་ནས་བཞག་ཚེ། ཉེན་རྟོག་པས་འོས་བབས་དངུལ་ཆད་གཏོང་རྒྱུ།

在道路临时停车泊位内停放的,依次按顺行方向停放,车身不得超出停车泊位。不按顺行方向停放的,交警可处以相应罚款。
ཉེན་རྟོག་པས་དྲན་སྐུལ་བྱས་རྗེས་རླངས་འཁོར་དུས་ཐོག་རུ་མི་སྐྱོད་པ།

交警警告后不及时驶离

སྐབས་རེ་རླངས་འཁོར་གནས་སྐབས་འཇོག་སར་བཞག་སྟེ་རླངས་འཁོར་རྒྱབ་ཏུ་མི་གཅིག་བཞག་ནས་རང་ཉིད་ལས་དོན་སྒྲུབ་པར་འགྲོ་གི་ཡོད། མཐར་ཉེན་རྟོག་པས་དྲན་སྐུལ་བྱས་རྗེས་རླངས་འཁོར་དུས་ཐོག་ཏུ་མི་སྐྱོད་པའི་འཇུག་འབྲས་ཐོན་གྱི་ཡོད། ཉེན་རྟོག་པས་སློབ་གསོ་བཏང་རུང་ཕན་འབྲས་མ་ཐོན་པའི་གནས་ཚུལ་འོག དངུལ་ཆད་བྱང་བུ་སྦྱར་གྱི་ཡོད། དེར་བརྟེན། ཉེན་རྟོག་པས་རླངས་འཁོར་སྐྱོད་དགོས་པའི་སློབ་གསོ་རྒྱག་དུས། གནས་ལུགས་བཤད་ཀྱིན་མ་བསྡད་པར་དུས་ཐོག་ཏུ་རླངས་འཁོར་འཇོག་ས་ནས་ཁ་བྲལ་དགོས།

有时临停,我们只是在后座随便留了个人,自己就跑去办事了,结果导致在被交警劝离后不能及时驶离。交警在这样劝离无效的情况下,很有可能就会开罚单了。所以,当交警要求马上离开时,最好立即响应,不要用各种理由搪塞。
来源:西藏发布
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ལྕགས་བྱམས་སྒྲོལ་མ།

རྩོམ་སྒྲིག་པ། ནོར་བུ་དོན་གྲུབ།
主编: 吾见才让

副主编:吉先卓玛

责编: 罗布顿珠
སེམས་ཀྱི་ཞིང་ཁམས་ཞེས་པའི་སྐད་འཕྲིན་འདི་ནི། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། གླུ་གར་ལ་སོགས་གཙོ་བོར་སྤེལ་བའི་རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ཕྱོགས་སྤྱི་དམངས་སྐད་འཕྲིན་སྟེགས་བུ་གཅིག་པུ་དང་། བོད་ཀྱི་ཤེས་རིག་རྒྱུས་ལོན་བྱེད་སའི་དབང་གྲགས་ཅན་གྱི་སྐར་ཁུང་ཞིག་ཀྱང་ཡིན་པས། རྒྱ་ཆེའི་སྤྱོད་མཁན་ཚོས་སྐད་འཕྲིན་འདིར་དོ་སྣང་བྱེད་པའི་དུས་མཚུངས་སུ། ཁྱེད་ཀྱི་སེམས་ཁོངས་ན་འཕྱུར་བའི་བརྗོད་བྱ་དག་རྩོམ་ལུས་སྣ་ཚོགས་ལ་དྲངས་ནས། ཁྱད་པར་དུ་པར་རིས་དང་བརྙན་ཐུང་གི་བརྩམས་ཆོས་གང་མང་འདི་གར་བསྐུར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།

འབྲེལ་གཏུགས་བྱེད་ས། ༢༠༤༣༢༢༠༡༥༥@qq.com

“阳光西藏”是西藏电视台以西藏历史文化、民俗旅游、藏族歌舞为主要内容的全国唯一藏汉双语官方微信公众平台,是您了解西藏,阅读西藏的权威窗口,我们秉承“权威发布,多样服务”的宗旨,希望广大用户踊跃投稿!

联系地址:2043220155@qq.com


    关注 阳光西藏


微信扫一扫关注公众号

0 个评论

要回复文章请先登录注册