教育部要求:高中招生取消体育艺术加分 ལུས་རྩལ་སོགས་ཀྱི་སྐར་སྣོན་མེད་པ་བཟོ་རྒྱུ།

 

ཉིན་ཤས་གོང་སློབ་གསོ་པུའི་གཞུང་དོན་ཐིང་གིས་༢༠༡༧ལོའི་མཐོ...

ཉིན་ཤས་གོང་སློབ་གསོ་པུའི་གཞུང་དོན་ཐིང་གིས་༢༠༡༧ལོའི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭར་སློབ་མ་བསྡུ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་(གཤམ་དུ་བརྡ་ཐོ་ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་སྐར་སྣོན་རྣམ་གྲངས་མེད་པ་བཟོ་བ་དང་། ཚད་ལྡན་དུ་གཏོང་བ། སྐར་སྣོན་རྣམ་གྲངས་ཉུང་དུ་ཤུགས་ཆེན་གཏོང་བ་དང་ཚོད་འཛིན་ནན་པོ་བྱས་ནས་ལུས་རྩལ་དང་སྒྱུ་རྩལ་སོགས་ཀྱི་སློབ་མའི་སྐར་སྣོན་རྣམ་གྲངས་མེད་པ་བཟོ་དགོས་པའི་བླང་བྱ་བཏོན་པ་རེད། གནས་ཚུལ་དེ་གསར་འགོད་པས་ཚེས་༡༥ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།


日前,教育部办公厅印发《关于做好2017年高中阶段学校招生工作的通知》(以下简称《通知》),要求清理和规范加分项目,大幅减少、严格控制加分项目,取消体育、艺术等学生加分项目。这是记者15日从教育部获悉的。

བརྡ་ཐོ་ལྟར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་མ་བསྡུ་སྐབས་ས་ཁོངས་དབར་དང་སློབ་གྲྭའི་དབར་སློབ་ཁུངས་བཀག་སྡོམ་དང་ས་གནས་ཀྱི་རང་སྲུང་གཏན་འགོག་ནན་པོ་བྱ་རྒྱུ་དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭའི་དགེ་རྒན་གྱིས་སློབ་མའི་ཚབ་བྱེད་པའམ་ཡང་ན་ཐེ་ཇུས་བྱས་ནས་རེ་འདུན་རེའུ་མིག་སྐོང་རྒྱུ་ཚོད་འཛིན་ནན་པོ་བྱ་རྒྱུ། དམའ་རིམ་སློབ་འབྲིང་གི་སློབ་གྲྭའམ་ཡང་ན་དགེ་རྒན་གྱིས་སློབ་མ་བསྡུ་སྐབས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ནས་གང་བྱུང་དུ་ཁ་གཡར་བའི་འགྲོ་གྲོན་དང་དངོས་པོ་ལེན་རྒྱུ་ཚོད་འཛིན་ནན་པོ་བྱ་རྒྱུ། དྲིལ་བསྒྲགས་རྫུས་མ་བྱས་ནས་སློབ་མར་མགོ་སྐོར་གཏོང་བའི་བྱེད་སྤྱོད་གཏན་འགོག་ནན་པོ་བྱ་རྒྱུ་རེད། གཞུང་བཙུགས་མཐོ་རིམ་སློབ་འབྲིང་དུ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་བསྡུ་སྐབས་འཆར་གཞི་ལས་བརྒལ་བ་དང་། གཏན་འབེབས་ལས་བརྒལ་ནས་ས་ཁོངས་བརྒལ་བ། དམངས་བཙུགས་སློབ་གྲྭའི་མིང་ཐོག་ནས་སློབ་མ་བསྡུ་བ་བཅས་གཏན་འགོག་ནན་པོ་བྱས་ཏེ་དམངས་བཙུགས་སློབ་གྲྭས་སློབ་བསྡུའི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་རྒྱུ་རེད། ས་གནས་ཁག་གིས་ལྟ་སྐུལ་གྱི་ཐེར་འདོན་གོང་ཞུའི་ཁ་པར་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་འབྲེལ“གཏན་འགོག་ལྔ”ལས་འགལ་མཁན་སློབ་གྲྭ་དང་འབྲེལ་ཡོད་འགན་ཁུར་བར་ཡོངས་བསྒྲགས་ཐོག་བརྡ་ཁྱབ་གཏོང་རྒྱུ་རེད།

根据《通知》,在中职学校招生中,严禁搞区域间、学校间生源封锁和地方保护;严禁初中学校教师干预或代替学生填报志愿;严禁初中学校或教师在招生过程中向中职学校索要、收受任何名义的经费或实物;严禁虚假宣传欺骗误导学生的行为。在普通高中招生中,严禁公办普通高中超计划、违反规定跨区域、以民办学校名义招生,依法加强民办学校招生管理。各地要健全监督举报电话制度,坚决查处违规违纪行为,并对违反五个“严禁”的学校和有关责任人进行公开通报。

བརྡ་ཐོའི་ནང་ལས་རིགས་ལག་རྩལ་སློབ་གྲྭ་དཀྱུས་མ་ལྟར་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་བསྡུའི་འཆར་གཞི་བཀོད་སྒྲིག་འོས་འཚམ་བྱེད་དགོས། མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོ་འཕེལ་རྒྱས་མཐུན་སྦྱོར་མེད་པའི་ས་གནས་སུ་འཆར་གཞིའི་བཀོད་སྒྲིག་ལེགས་སྒྲིག་བྱས་ནས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོར་སློབ་མ་བསྡུ་བའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མ་ལེགས་གྲས་ཀྱིས་སློབ་མ་བསྡུ་བའི་ཁ་གྲངས་དེ་ས་ཁོངས་ནང་ཁུལ་གྱི་དམའ་རིམ་སློབ་འབྲིང་དུ་ལུགས་མཐུན་ངང་བགོ་བཤའ་རྒྱག་པའི་བྱ་ཐབས་ལག་ལེན་བསྟར་ཏེ་སློབ་མ་བསྡུ་བའི་ཁ་གྲངས་དེ་གྲོང་གསེབ་ཀྱི་དམའ་རིམ་སློབ་འབྲིང་ལ་གཟིགས་སྐྱོང་བྱེད་པའི་བྱ་ཐབས་དང་བསྡུར་ཚད་འོས་འཚམ་བཟོ་རྒྱུ། གྲོང་ཁྱེར་དུ་གླ་པ་བྱེད་པར་ཡོང་མཁན་གྱི་བུ་ཕྲུག་ས་གནས་དེ་གའི་མཐོ་རིམ་སློབ་འབྲིང་གི་དུས་མཚམས་ཀྱི་སློབ་གྲྭའི་རྒྱུགས་སྤྲོད་ནང་ཞུགས་ནས་སློབ་མ་བསྡུ་བའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭས་དབང་པོ་སྐྱོན་ཅན་གྱི་སློབ་མ་བསྡུ་རྒྱུར་རྒྱབ་སྐྱོར་དང་སྐུལ་མ་ཧུར་ཐག་བཏང་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ཉམས་ཞན་ཚོགས་སྤྱིར་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་འདྲ་མཉམ་ངང་དང་ལེན་བྱེད་པའི་གོ་སྐབས་འགན་ལེན་བཅས་བྱེད་དགོས། ཤིན་ཅང་དང་བོད་ནས་ནང་སའི་ལས་རིགས་ལག་རྩལ་འཛིན་གྲྭར་སློབ་མ་བསྡུ་བའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

《通知》要求,按照普职大体相当安排高中阶段招生计划。普通高中与中等职业教育发展不协调的地方,要调整计划安排,提高中等职业教育招生比例;实行优质普通高中招生名额合理分配到区域内初中的办法,细化招生名额适当向农村初中倾斜的办法和比例;落实和完善进城务工人员随迁子女在当地参加高中阶段学校考试招生的政策措施,积极支持和鼓励高中阶段学校招收残疾学生,完善家庭经济困难学生资助政策,保障弱势群体平等接受高中阶段教育机会。继续做好新疆、西藏内职班招生工作。

来源:西藏日报
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ལྕགས་བྱམས་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་བཟང་པོ།

主编:吾见才让

副主编:吉先卓玛

编辑:旦增桑布
སེམས་ཀྱི་ཞིང་ཁམས་ཞེས་པའི་སྐད་འཕྲིན་འདི་ནི། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། གླུ་གར་ལ་སོགས་གཙོ་བོར་སྤེལ་བའི་རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ཕྱོགས་སྤྱི་དམངས་སྐད་འཕྲིན་སྟེགས་བུ་གཅིག་པུ་དང་། བོད་ཀྱི་ཤེས་རིག་རྒྱུས་ལོན་བྱེད་སའི་དབང་གྲགས་ཅན་གྱི་སྐར་ཁུང་ཞིག་ཀྱང་ཡིན་པས། རྒྱ་ཆེའི་སྤྱོད་མཁན་ཚོས་སྐད་འཕྲིན་འདིར་དོ་སྣང་བྱེད་པའི་དུས་མཚུངས་སུ། ཁྱེད་ཀྱི་སེམས་ཁོངས་ན་འཕྱུར་བའི་བརྗོད་བྱ་དག་རྩོམ་ལུས་སྣ་ཚོགས་ལ་དྲངས་ནས། ཁྱད་པར་དུ་པར་རིས་དང་བརྙན་ཐུང་གི་བརྩམས་ཆོས་གང་མང་འདི་གར་བསྐུར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།

འབྲེལ་གཏུགས་བྱེད་ས། ༢༠༤༣༢༢༠༡༥༥@qq.com

“阳光西藏”是西藏电视台以西藏历史文化、民俗旅游、藏族歌舞为主要内容的全国唯一藏汉双语官方微信公众平台,是您了解西藏,阅读西藏的权威窗口,我们秉承“权威发布,多样服务”的宗旨,希望广大用户踊跃投稿!

联系地址:2043220155@qq.com


    关注 阳光西藏


微信扫一扫关注公众号

0 个评论

要回复文章请先登录注册