放羊的故事(今年最火的文章)ལུག་རྫིའི་གཏམ་རྒྱུད།

 

1第一集1、你是砍柴的,他是放羊的,你和他聊了一天,他的羊吃饱了,你的柴呢? 砍柴的陪不起放羊的…——请放弃...

1
ལེའུ་དང་པོ།

第一集

ཁྱོད་ནི་བུད་ཤིང་འཐུ་མཁན་དང་། ཁོ་རང་ལུག་རྫི་ཞིག་སྟེ། ཁྱོད་ཀྱིས་ཉིན་གང་བོར་ཁོ་རང་ལ་ཁ་བརྡ་བྱས་པའི་དུས་ཡུན་ལ། ཁོའི་ལུག་གི་ལྟོ་བ་འགྲེང་ཡོད་ལ། ཁྱོད་ཀྱི་བུད་ཤིང་གང་ན་ཡོད། བུད་ཤིང་འཐུ་མཁན་ལུག་རྫི་དང་ལྷན་དུ་སྡོད་མི་འོས།

——ཁྱོད་ཀྱི་ཕན་ཐོགས་མེད་པའི་སྤྱི་ཚོགས་འབྲེལ་གཏུག་སྤང་བར་བྱ།

你是砍柴的,他是放羊的,你和他聊了一天,他的羊吃饱了,你的柴呢? 砍柴的陪不起放羊的…

——请放弃你的无效社交!
2


ལེའུ་གཉིས་པ།

第二集

བུད་ཤིང་འཐུ་མཁན་གྱིས་ལུག་རྫི་དང་མཉམ་དུ་ཉིན་གང་བོར་ཁ་བརྡ་བྱས་པ་རེད། ཕྱི་ངོས་ནས་བལྟས་ན་ཁོ་ལ་གྲུབ་འབྲས་སྤུ་ཙམ་ཡང་མེད་རུང་། དོན་དུ་བུད་ཤིང་འཐུ་མཁན་གྱིས་ལུག་རྫི་དང་ཁ་བརྡ་བྱས་པ་ལས་རི་བོ་གང་གི་སྟེང་ན་བུད་ཤིང་མང་པ་དང་། རི་བོ་གང་གི་ལམ་འགྲོ་བདེ་བ། རི་བོ་གང་ཞིག་ཚེར་མ་མང་བ་ཤེས་རྟོགས་བྱུང་ཡོད་ཅིང་། ཉིན་གཉིས་པར་གྲུབ་འབྲས་གཡུར་དུ་ཟ་བ་འཁྱེར་ནས་ཡུལ་ལ་ལོག་པ་རེད།

——འབྲེལ་འདྲིས་ནི་ཤིན་ཏུ་གལ་ཆེ་ལ། མི་ལ་བརྟེན་མཁས་ཤིང་ལོག་ལམ་ཉུང་ཙམ་འགྲོ་བ་ནི་དེ་ལས་ཀྱང་གལ་ཆེ།

砍柴人陪放羊人聊了一天,表面上他一无所获,但是砍柴人通过放羊人聊天,知道了哪个山的柴多,哪个山的路好走,哪个山布满荆棘,第二天收获多多回家了。

——沟通很重要…找对人少走弯路更重要!
3


ལེའུ་གསུམ་པ།

第三集

ཁྱོད་ནི་བུད་ཤིང་འཐུ་མཁན་དང་། ཁོ་རང་ནི་ལུག་རྫི་ཞིག་སྟེ།   ཁྱོད་ཀྱིས་ཉིན་གང་བོར་ཁོ་རང་ལ་ཁ་བརྡ་བྱས་པས། ཁྱོད་ཀྱིས་ལུག་གསོ་བའི་ཐབས་རྩལ་རྟོགས་པ་དང་། ལུག་ནི་དེ་ལྟར་གསོ་དགོས་པ་དངོས་སུ་རྟོགས་ཤིང་།  ཁོས་བུད་ཤིང་གཏུབ་པའི་ནུས་རྩལ་རྟོགས་པ་དང་། བུད་ཤིང་ནི་དེ་ལྟར་གཏུབ་དགོས་པ་དངོས་སུ་རྟོགས་པ་རེད།

——མི་གསུམ་འཛོམས་ན་དེ་ལས་དགེ་རྒན་ཞིག་ཅེས་པའི་དཔེ་ལྟར། ནམ་ཡིན་ཡང་སློབ་སྦྱོང་བྱེད་པའི་རྣམ་པ་སྲུང་འཛིན་བྱེད་པ་གལ་ཆེ།

你是砍柴的,他是放羊的,你和他聊了一天,如是你学会了放羊技巧,原来羊是这么放的,他学会了砍柴技能,原来柴要这样砍。

——三人行必有我师,永远保持空杯的状态!
4


ལེའུ་བཞི་པ།

第四集

ཁྱོད་ནི་བུད་ཤིང་འཐུ་མཁན་དང་། ཁོ་རང་ནི་ལུག་རྫི་ཞིག་སྟེ།  ཁྱོད་ཀྱིས་ཉིན་གང་བོར་ཁོ་རང་ལ་ཁ་བརྡ་བྱས་པས། ཁོ་རང་གི་ལུག་ཁྱོད་ཀྱི་བུད་ཤིང་ལ་བརྗེ་འདོད་པ་དེས་ཁྱོད་ལ་ལུག་ཐོབ་པ་དང་། ཁོ་རང་ལའང་བུད་ཤིང་ཐོབ་པ་རེད།

——རིན་མཉམ་བརྗེ་འཚོང་། མི་སུ་ལའང་མཐོང་ཆུང་བྱ་མི་རུང་། ནམ་ཞིག་གསེར་མདོག་ལྡན་པའི་རྩ་ཐང་དེ་ལ་ཉི་མའི་འོད་ཟེར་འཁྱིལ་ངེས།

你是砍柴的,他是放羊的,你和他聊了一天,他决定把他的羊跟你的柴交换,于是你有了羊,他也有了柴。

——等价交换,不要看不起任何人,天生我才必有用!
5


ལེའུ་ལྔ་པ།

第五集

ཁྱོད་ནི་བུད་ཤིང་འཐུ་མཁན་དང་། ཁོ་རང་ལུག་རྫི་ཞིག་སྟེ། ཁྱོད་ཀྱིས་ཉིན་གང་བོར་ཁོ་རང་ལ་ཁ་བརྡ་བྱས་པས། ཁོས་ལུག་ཉོ་མཁན་ཁྱོད་ལ་ངོ་སྤྲོད་བྱས་པ་དང་། ཁྱོད་ཀྱིས་ཀྱང་བུད་ཤིང་ཉོ་མཁན་ཁོ་རང་ལ་ངོ་སྤྲོད་བྱས་པས། ཁྱོད་གཉིས་ཀྱི་ཚོང་དོན་བསྟུད་མར་ཇེ་བཟང་ལ་སོང་།

——ཐོན་ཁུངས་ལེགས་བཅོས་བྱེད་པ་ཤིན་ཏུ་གལ་ཆེ།

你是砍柴的,他是放羊的,你和他聊了一天,他把他买羊的客户介绍给了你,你把你买柴的客户介绍给了他,于是你们各自的生意越做越大。

——资源整合很重要!
6


ལེའུ་དྲུག་པ།

第六集

ཁྱོད་ནི་བུད་ཤིང་འཐུ་མཁན་དང་། ཁོ་ནི་ལུག་རྫི་ཞིག་སྟེ། ཁྱོད་ཀྱིས་ཉིན་གང་བོར་ཁོ་རང་ལ་ཁ་བརྡ་བྱས་པས། ཁྱོད་གཉིས་ཀྱིས་མཉམ་དུ་ལུག་ཁོག་བསྲེགས་མ་འཚོང་བའི་ཟ་ཁང་ཕྱེ་རྒྱུ་ཐག་བཅད་པ་དང་། ཁྱོད་ཀྱི་བུད་ཤིང་གིས་བསྲེགས་པའི་ལུག་ཤ་ཞིམ་མངར་ལྡན་ཞིང་། ཁོ་རང་གི་ལུག་ནི་ལྷད་མེད་བཅུད་ལྡན་ཞིག་ཡིན། ལོ་འགའི་རྗེས་སུ་ཁྱོད་གཉིས་ཀྱི་ཀུང་སི་ཚོང་རར་བཏོན་པ་རེད།

——མི་སྒེར་ལ་སྐྱོན་མེད་མི་སྲིད་ཅིང་། ཚོགས་པའི་སྟོབས་ཤུགས་ལ་ནམ་ཡང་འགྲན་ཟླ་མེད།།

你是砍柴的,他是放羊的,你和他聊了一天,你们决定合作一起开个烤全羊的店,你的柴烤出来的羊很美味,他的羊纯天然的,几年后你们公司上市了。

——没有完美的个人,只有完美的团队!




དོན་དུ་བྱ་དངོས་གང་ཞིག་ལ་ཁ་གཏད་རུང་། སེམས་ཁམས་དང་འབྲེལ་བ་ཆེ་སྟེ། བསམ་པ་བཟང་ན་འབྲས་བུ་བཟང་ཞིང་། བསམ་པ་ངན་ན་འབྲས་བུའང་ཡག་པོ་མེད།

其实面对同一件事物,心态不一样,结果就会不一样。

来源:财经内参
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ལྕགས་བྱམས་སྒྲོལ་མ།

རྩོམ་སྒྲིག་པ། ནོར་བུ་དོན་གྲུབ།
དངོས་སྦྱོང་སློབ་མ། ཟླ་བ་རྒྱ་མཚོ། ཕུན་ཚོགས་དབང་མོ།
主编: 吾见才让

副主编:吉先卓玛

责编: 罗布顿珠
实习生:达娃尖措 平措旺姆


སེམས་ཀྱི་ཞིང་ཁམས་ཞེས་པའི་སྐད་འཕྲིན་འདི་ནི། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། གླུ་གར་ལ་སོགས་གཙོ་བོར་སྤེལ་བའི་རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ཕྱོགས་སྤྱི་དམངས་སྐད་འཕྲིན་སྟེགས་བུ་གཅིག་པུ་དང་། བོད་ཀྱི་ཤེས་རིག་རྒྱུས་ལོན་བྱེད་སའི་དབང་གྲགས་ཅན་གྱི་སྐར་ཁུང་ཞིག་ཀྱང་ཡིན་པས། རྒྱ་ཆེའི་སྤྱོད་མཁན་ཚོས་སྐད་འཕྲིན་འདིར་དོ་སྣང་བྱེད་པའི་དུས་མཚུངས་སུ། ཁྱེད་ཀྱི་སེམས་ཁོངས་ན་འཕྱུར་བའི་བརྗོད་བྱ་དག་རྩོམ་ལུས་སྣ་ཚོགས་ལ་དྲངས་ནས། ཁྱད་པར་དུ་པར་རིས་དང་བརྙན་ཐུང་གི་བརྩམས་ཆོས་གང་མང་འདི་གར་བསྐུར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།

འབྲེལ་གཏུགས་བྱེད་ས། ༢༠༤༣༢༢༠༡༥༥@qq.com

“阳光西藏”是西藏电视台以西藏历史文化、民俗旅游、藏族歌舞为主要内容的全国唯一藏汉双语官方微信公众平台,是您了解西藏,阅读西藏的权威窗口,我们秉承“权威发布,多样服务”的宗旨,希望广大用户踊跃投稿!

联系地址:2043220155@qq.com


    关注 阳光西藏


微信扫一扫关注公众号

0 个评论

要回复文章请先登录注册