青春扬帆创业路丨笔尖上的追梦青年 འཚོལ་སྙེག

 

ཕུགས་བསམ་འཚོལ་སྙེག་བྱེད་པ།

སྨག་རུམ་གྱིས་ཁེངས་པའི...




ཕུགས་བསམ་འཚོལ་སྙེག་བྱེད་པ། 

སྨག་རུམ་གྱིས་ཁེངས་པའི་མཁའ་དབྱིངས་སུ། མུ་ནག་གི་མུན་པ་ཇི་འདྲའི་མཐུག་ནའང་། འོད་ལམ་ལམ་འཚེར་བའི་སྐར་མ་འོད་ཆེན་དེ་ནམ་ཡང་མཐོང་ཐུབ།

གྲོགས་མེད་ཁེར་རྐྱང་གི་ངང་ནས་འཚོ་དགོས་པའི་དུས་སྐབས་ཡོད་སྲིད་ཀྱང་། ཕུགས་བསམ་འཚོལ་སྙེག་བྱེད་པའི་བརྒྱུད་རིམ་ཁྲོད།  ཁོ་ཚོའི་ནམ་ཡང་མདུན་སྐྱོད་ཀྱི་གོམ་མཚམས་བཞག་མ་མྱོང་།追梦


纵使漆黑的苍穹,也有星星微弱的光芒。纵使无助的迷茫,也有梦想坚定的力量。


༢༠༡༧ལོའི་ལོ་གསར་མཚན་ཚོགས་ཀྱི་ཕུགས་བསམ་འཚོལ་སྙེག་བྱེད་པ་ཞེས་པའི་གཏམ་རྒྱུད་ཀྱིས་རྒྱན་པའི་གླུ་གཞས་དེ་ཁྱེད་ཀྱི་སེམས་སུ་དྲན་ནུས་སམ། དེ་རིང་ངེད་རྩོམ་སྒྲིག་པས་གཏམ་རྒྱུད་དེའི་ཁྲོད་ཀྱི་མི་སྣ་གཙོ་བོ་དང་ཁོང་གི་འཚོ་བའི་སྐོར་ངོ་སྤྲོད་ཕྲན་ཙམ་བྱ་རྒྱུ་ཡིན།

你还记得2017年的藏晚音乐情景剧《追梦》么?你想认识情景剧里主人公的原型么?

你知道那位追梦青年的故事么?






      ཐུབ་བསྟན་ཤེས་རབ་ཆུང་དུས་ནས་བོད་ཀྱི་ཡིག་གཟུགས་སྦྱོང་བའི་ཕྱོགས་ལ་དགའ་ཞེན་ཆེན་པོ་ཡོད་པ་རེད། ཡིན་ནའང་ཚོང་རའི་ནང་ཆེད་དུ་བོད་ཀྱི་ཡིག་གཟུགས་སྦྱོང་བའི་ལྕགས་སྨྱུག་མེད་པས། རང་ཉིད་ཀྱིས་སྨྱུག་མ་བཙལ་ནས་སྲོལ་རྒྱུན་གྱི་སྨྱུ་གུ་བཟོས་ཏེ་ཡིག་གཟུགས་སྦྱང་བ་རེད།
土旦西绕自幼热爱藏文书法,但是因为市面上没有专门用于书写藏文的钢笔,又不便到处寻找竹子自制传统竹笔,这让他在平时练字时,常常会有一些困扰。
      བོད་ཀྱི་ཡི་གེ་འབྲི་བ་ནི་མི་རིགས་གཞན་གྱི་ཡི་གེ་དང་མི་འདྲ་བར་སྨྱུ་གུའི་ཁ་ལེབ་ལེབ་ཡིན་དགོས་པ་མ་ཟད། སྨྱུ་གུའི་ཁ་སྐོར་སྟངས་མི་འདྲ་བ་སོགས་ཀྱི་ཤེས་བྱ་མང་པོ་ཞིག་བློ་ལ་བྱང་དགོས། དེ་འདྲ་ཡིན་ཚེ་མིག་ལ་མཛེས་པའི་བོད་ཀྱི་ཡིག་གཟུགས་ཡག་པོ་ཞིག་འབྲི་ཐུབ།
藏文书写专用笔?

藏文在书写时跟其他字体不同,需要把笔尖平面地接触到纸上,然后再开始书写,以达到书写的延续性,行笔讲究顺转起回,因此,书写藏文时对笔尖有专业性的要求。

请输入标题     abcdefg
    ལོ་ན་ཆུང་བའི་ཐུབ་བསྟན་འོད་ཟེར་གྱི་སེམས་སུ་སྲོལ་རྒྱུན་གྱི་པིར་སྨྱུར་དང་འདྲ་བའི་ལྕགས་སྨྱུག་ཞིག་བཟོ་ཐུབ་ན་ཅི་མ་རུང་སྙམ། ཁོ་རང་སློབ་གྲྭ་ཆེན་མོ་མཐར་ཕྱིན་ཏེ་གཞུང་ཞབས་པའི་ལས་ཀ་གཉེར་ནས་ལོ་ངོ་གཉིས་ཙམ་གྱི་རྗེས་སུ།  གཞུང་ཞབས་པའི་བྱ་བ་བསྐྱུར་ནས་ལྷ་ས་གྲོང་ཁྱེར་ལ་ཡོང་སྟེ་བྱ་གཞག་གསར་གཏོད་བྱེད་པའི་གོ་སྐབས་བཙལ། ༢༠༡༥ལོའི་ལོ་མཇུག་ཏུ་ཁོ་རང་བློས་ཐུབ་ཀྱི་གྲོགས་པོ་འགའ་དང་ཕྲད་བྱུང་།
自少年起,土旦西绕心中就萌生了要做出一款接近传统竹笔,不断墨水、书写流畅的藏文钢笔的想法。大学毕业后,土旦西绕成为了一名公务员,而曾经年少时的梦想却始终萦绕在他脑海里。两年后,他辞掉工作,到拉萨寻求创业机会。2015年底,篮球场上,他结识了创业路上的亲密伙伴。
创业三剑客:吴金桑珠  土旦西绕  多杰次平


请输入标题     bcdef

ཨོ་རྒྱན་བསམ་འགྲུབ་དང་ཐུབ་བསྟན་ཤེས་རབ། རྡོ་རྗེ་ཚེ་རིང་བཅས་བོད་ཀྱི་ན་གཞོན་འདི་གསུམ་གྱིས་གཅིག་མཐུན་གྱི་ཕུགས་བསམ་དེའི་ཆེད་དུ། བྱ་གཞག་གསར་གཏོད་བྱེད་པའི་ན་གཞོན་གྱི་དཔུང་ཁག་ཅིག་བསྒྲིགས། ཐོག་མའི་དུས་སུ་ཁོ་ཚོར་རང་གི་ཕ་མ་དང་གཉེན་ཉེ་སོགས་ཀྱིས་རྒྱབ་སྐྱོར་མི་བྱེད་པར་མ་ཟད། ད་དུང་མ་དངུལ་མེད་པ་དང་གཞུང་སྒྲུབ་ཁང་མེད་པ། སྨྱུ་གུ་བཟོ་བའི་ལག་རྩལ་མེད་པ་སོགས་ཀྱི་དཀའ་ཁག་མང་པོར་འཕྲད། ཡིན་ནའང་ཁོ་ཚོས་དཀའ་ཁག་མང་པོར་མ་འཛེམས་པར་དུས་རྒྱུན་ཚོང་རའི་ནང་གི་བོད་ཡིག་འབྲི་བའི་ཕྱོགས་སུ་བཀོད་སྤྱོད་བྱེད་པའི་སྨྱུ་གུ་ཉོས་ནས་ཞིབ་འཇུག་གང་མང་བྱས།

就这样,三个年轻人因梦想走到了一起,一个年轻的创业团队建立起来了。一开始,家人不理解、没有资金、没有办公场所,面对笔尖和下水量的技术难题,三个人就整天窝在哥哥西绕家,买来市场上几乎所有有关藏文书写的钢笔,进行琢磨研究。

请输入标题     abcdefg
拆解钢笔
各种拆
继续拆
齐心协力一起拆



ཁོ་ཚོའི་ཁྲོད་ཀྱི་ཨོ་རྒྱན་བསམ་འགྲུབ་མ་གཏོགས་གཞན་པ་ཚོར་ཚོང་རྫས་ཇུས་འགོད་སྐོར་གྱི་ཉམས་མྱོང་གཅིག་ཀྱང་མེད། དེ་བས་ཁོ་ཚོས་ཟླ་གསུམ་གྱི་རིང་ལ་སྤྱིར་བཏང་གི་ཚོད་ལྟ་དང་ཞིབ་འཇུག་ལ་བརྟེན་ནས་གྲུབ་འབྲས་ཆེན་པོ་བླངས། འདི་ལྟར་མུ་མཐུད་དུ་ཞིབ་འཇུག་དང་རྒྱུ་སྤུས་ཇེ་ལེགས་སུ་བཏང་བ་དང་བསྟུན་ནས། སྨྱུ་གུ་གཅིག་ལ་རྩེ་མོ་གཉིས་ཡོད་པའི་ཐོན་རྫས་ཡག་པོ་ཞིག་ཐོན་སྐྱེད་བྱས།

        三人里除了吴金桑珠有一些设计经验,其他人基本属于门外汉。通过这种简单而粗糙的研发方式,过了三个月,他们第一次尝到了喜悦。经过多次的改良后,一个可以通过转动笔尖达到一笔双用的钢笔诞生了。
སྨྱུ་གུ་འདིའི་སྨྱུག་རྩེ་བརྗེ་གསོར་བྱས་ནས་བོད་ཡིག་གི་དབུ་ཅན་དང་དབུ་མེད་སོགས་གང་རུང་བྲིས་ཆོག


大家好,我是智剑藏文专利钢笔,既可以书写藏文“乌金体”,又可以书写“乌梅体”。

རྒྱལ་ཁབ་དང་རང་ལྗོངས་ཀྱིས་བྱ་གཞག་གཏོད་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པར་བརྟེན་ནས། ཁོ་ཚོར་ལྷ་ས་གྲོང་ཁྱེར་དུ་གཞུང་སྒྲུབ་བྱེད་སའི་ས་གནས་ཡོད་པ་མ་ཟད། འགྲན་ཞུགས་ཁྲོད་ཁོ་ཚོའི་ཐོན་རྫས་ལ་གཟེངས་རྟགས་སྣ་ཚོགས་ཐོབ། ༢༠༡༦ལོའི་ཟླ༡༢ཚེས༣༡ཉིན། ཁོ་ཚོས་ཐེངས་དང་པོར་རང་ཉིད་ཀྱིས་ཐོན་སྐྱེད་བྱས་པའི་བོད་ཡིག་ཆེད་སྤྱོད་ལྕགས་སྨྱུག་དང་སློབ་མའི་སྦྱོང་ཚན་འབྲི་དེབ་སོགས་སྤྱི་ཚོགས་སྟེང་དྲིལ་བསྒྲགས་བྱས།

紧接着,一系列好消息接踵而至。在国家和自治区对创业者的政策扶持下,他们在拉萨科技众创空间有了自己的办公场所,产品也在多次比赛中获得大奖。2016年12月31号,在拉萨,他们第一次对外发布他们研发的产品—藏文专利钢笔和学生专利作业本。

ཐོན་རྫས་ཚོང་རའི་སྟེང་འགྲེམས་འཚོང་བྱས་རྗེས་ཀྱི་ཐོག་མའི་ཟླ་གསུམ་གྱི་རིང་ལ། བོད་ཡིག་ཆེད་སྤྱོད་ལྕགས་སྨྱུག་ཁྲི་བརྒྱད་ཕྱིར་འཚོང་བྱས་པ་དང་། སློབ་མའི་སྦྱོང་ཚན་འབྲི་དེབ་ས་ཡ་གཉིས་གཞན་གྱིས་ཉོ་རྒྱུ་ཡིན་པར་གཏན་ཁེལ་བྱས། དེང་སྐབས་ཁོ་ཚོས་དྲ་ལམ་སོགས་ནས་བོད་ལྗོངས་ཀྱི་ས་ཁུལ་སོ་སོར་འགྲེམས་འཚོང་བྱེད་བཞིན་ཡོད། ན་གཞོན་གྱིས་གྲུབ་པའི་དཔུང་ཁག་འདི་ལ་འོད་སྟོང་འབར་བའི་མདུན་ལམ་དང་སྔར་ལས་ལྷག་པའི་གོ་སྐབས་མང་པོས་རེ་སྒུག་བྱས་ཡོད།

随着产品投入市场,三个多月,智剑藏文专利钢笔销售达到8万多支,学生专利作业本预定量达到200 万册,目前销售网正逐渐向全区七市地铺开。对于这支年轻的专业团队,还有更大的舞台等着他们去开创。

གལ་ཏེ་ཁྱེད་ཀྱིས་རང་ཉིད་ཀྱི་ཕུགས་བསམ་ཕྱོགས་སུ་འབད་བརྩོན་ལྷོད་མེད་བྱས་ཚེ། གཡུར་དུ་ཟ་བའི་གྲུབ་འབྲས་ཆེན་པོ་ལེན་ཐུབ་པ་ཁག་ཐེག་ཡིན།
点击边框调出视频工具条





阳光西藏


梦想只要能持久,就能成为现实。

我们不就是生活在梦想中的吗?
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ལྕགས་བྱམས་སྒྲོལ་མ།

རྩོམ་སྒྲིག་པ། ཀུན་ཐར་རྒྱལ།
主编:吾见才让

副主编:吉先卓玛

责编:更太加


སེམས་ཀྱི་ཞིང་ཁམས་ཞེས་པའི་སྐད་འཕྲིན་འདི་ནི། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། གླུ་གར་ལ་སོགས་གཙོ་བོར་སྤེལ་བའི་རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ཕྱོགས་སྤྱི་དམངས་སྐད་འཕྲིན་སྟེགས་བུ་གཅིག་པུ་དང་། བོད་ཀྱི་ཤེས་རིག་རྒྱུས་ལོན་བྱེད་སའི་དབང་གྲགས་ཅན་གྱི་སྐར་ཁུང་ཞིག་ཀྱང་ཡིན་པས། རྒྱ་ཆེའི་སྤྱོད་མཁན་ཚོས་སྐད་འཕྲིན་འདིར་དོ་སྣང་བྱེད་པའི་དུས་མཚུངས་སུ། ཁྱེད་ཀྱི་སེམས་ཁོངས་ན་འཕྱུར་བའི་བརྗོད་བྱ་དག་རྩོམ་ལུས་སྣ་ཚོགས་ལ་དྲངས་ནས། ཁྱད་པར་དུ་པར་རིས་དང་བརྙན་ཐུང་གི་བརྩམས་ཆོས་གང་མང་འདི་གར་བསྐུར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།

འབྲེལ་གཏུགས་བྱེད་ས། ༢༠༤༣༢༢༠༡༥༥@qq.com

“阳光西藏”是西藏电视台以西藏历史文化、民俗旅游、藏族歌舞为主要内容的全国唯一藏汉双语官方微信公众平台,是您了解西藏,阅读西藏的权威窗口,我们秉承“权威发布,多样服务”的宗旨,希望广大用户踊跃投稿!

联系地址:2043220155@qq.com


    关注 阳光西藏


微信扫一扫关注公众号

0 个评论

要回复文章请先登录注册