记藏族著名画家吉先加先生 ཁྱིམ།

 

སྐུ་ཉིད་བོད་ཀྱི་རི་མོ་བ་གྲགས་ཅན་ལྕགས་བྱམས་རྒྱལ་གྱི་རི...

སྐུ་ཉིད་བོད་ཀྱི་རི་མོ་བ་གྲགས་ཅན་ལྕགས་བྱམས་རྒྱལ་གྱི་རི་མོའི་འགྲེམས་སྟོན་སུ་ཕེབས་པར་དགའ་བསུ་ཞུ།

ས་གནས།   གཡག་རྟེན་མཛོད་ཁང་།

དུསཚོད།   སྤྱི་ལོ་༢༠༡༧ལོའི་ཟླ་༨ཚེས་༢༠ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤སྟེང་།
       སྐུ་ཞབས་ལྕགས་བྱམས་རྒྱལ་ལགས་ནི་འཇོན་ཐང་སྣ་མང་ལྡན་པའི་སྒྱུ་རྩལ་པ་ཞིག་ཡིན་ཞིང་། ཁོང་ནི་ཀྲུང་གོའི་བོད་སྐད་བརྙན་འཕྲིན་ལེ་ཚན་འཛུགས་མགོ་རྩོམ་དུས་ཀྱི་སྐད་གྲགས་ཆེ་བའི་འཁྲབ་ཁྲིད་པ་དང་།  ཇུས་འདོན་པ།   སྒྲིག་བཟོ་བ་བཅས་ཡིན།   སྔ་རྗེས་སུ་བོད་སྐད་བརྙན་འཕྲིན་ལེ་ཚན་སྣ་ཚོགས་ཀྱི་སྤྱིའི་སྒྱུ་རྩལ་ལྟ་སྐྱོང་བ་དང་།  མཛེས་རིས་ཇུས་འགོད་པ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་པ་མ་ཟད།  རྒྱལ་ཡོངས་བརྙན་འཕྲིན་རིག་རྩལ་གྱི་སྣ་བརྒྱའི་མེ་ཏོག་རྟགས་མ་དང་སྐར་འོད་རྟགས་མ། ཅང་ཤེས་རྟགས་མ་སོགས་རྒྱལ་ཡོངས་རང་བཞིན་གྱི་བྱ་དགའ་མང་པོ་ཐོབ་མྱོང་ཡོད།




吉先加先生是一位具有多重才华的艺术家。他是中国藏语类电视节目创设初期的著名导演、策划及制作人,曾先后担任诸多藏语类节目的艺术总监、美术设计,并荣获全国电视文艺“百花奖”“星光奖”“骏马奖”等全国性大奖。

 ཁོང་གིས་ཤར་ནུབ་གྲུབ་མཐའ་སྣ་ཚོགས་ཀྱི་རི་མོའི་སྒྱུ་རྩལ་གྱི་ཉིང་བཅུད་ལ་སློབ་སྦྱོང་བྱེད་པར་གཙིགས་ཆེན་བྱེད་པ་མ་ཟད། སྲོལ་རྒྱུན་རིག་གནས་ལའང་སྦྱང་བ་དཔྱིས་ཕྱིན་མཛད་ཡོད་ཅིང་། རྟག་པར་ཐབས་མི་འདྲ་བ་མང་པོའི་ལམ་ནས་རི་མོའི་སྒྱུ་རྩལ་གསར་རྩོམ་བྱ་བར་ཚོད་ལྟ་གནང་སྟེ།   གསར་རྩོམ་གྱི་ཆ་དང་སྒྱུ་རྩལ་གྱི་ཆ། ལག་རྩལ་གྱི་ཆ་དང་རིག་གཞུང་གི་ཆ་བཅས་གཅིག་ལ་གཅིག་བརྟེན་ཡིན་པའི་བྲིས་ཉམས་དང་སྒྱུ་རྩལ་སྐད་བརྡ་མངོན་འགྱུར་ཡོང་བར་བརྩོན་བཞིན་ཡོད།


他不仅注重学习东西方各流派绘画艺术的精华,而且在传统文化的学习上也是不断精进,一直以来在尝试用多种方法进行绘画艺术创作,力图实现原创性、艺术性、技术性、学术性相结合的风格与绘画语境。



ཁོང་ཉིད་རི་མོ་བ་ཞིག་ཡིན་པའི་ཆ་ནས་མུ་ནས་མུ་རུ་འཕྱུར་བའི་དར་སྲོལ་ཚ་རླབས་ཀྱི་རྗེས་མ་བསྙེགས་པར། ཚེགས་ཆེ་ཞིང་ཕྲ་ཞིབ་དང་ལྡན་པའི་རི་མོའི་ལམ་ནས་འཚོ་བ་ཟིན་ཐོར་བཀོད་ཡོད་པ་དེ་ནི་ཁོང་གིས་སྒྲུབ་འདོད་ཅིང་སྒྲུབ་ཡང་ནུས་པ་ཞིག་ཏུ་བསམས་ཡོད།   དེ་བས་ཁོང་གིས་སྣག་སྨྱུག་གིས་བོད་ཤོག་སྟེང་བཟོ་སྐྲུན་གྱི་བཀོད་པ་གཅིག་ལ་ཐིག་རིས་གྲངས་མེད་ཀྱིས་མཚོན་པར་བྱེད་པའི་ཐབས་ཀྱིས།   བོད་ཀྱི་སྲོལ་རྒྱུན་བཟོ་སྐྲུན་ལོ་རྒྱུས་གྱི་དྲན་ཐོར་གྱུར་བའི་རི་མོ་༡༣༠ལྷག་བརྩམས་གནང་ཡོད་པ་རེད།



作为一位画家,面对滚滚潮流的力量可能是无力的,但用最辛苦却最细腻的绘画方式进行记录,是他所想做也所能做的最虔敬的担当。于是,他拿起了黑色的中性笔,在藏纸上用一幅建筑可能要描绘十万道线条的方式,保留了130余幅藏族传统建筑的历史记忆。

     སྐྱ་བྲིས་ཀྱིས་བཟོ་དབྱིབས་ལ་དད་དོད་བྱེད་པ་ནི་བྲིས་ཀྱི་རྩ་བ་ཡིན་ཏེ། གྲུབ་ཚུལ་དང་རྣམ་པ་གཙིགས་སུ་འཛིན་པ་དང་། ཚོས་སྣ་གཅིག་ལ་བརྟེན་ནས་མངོན་པར་མཚོན་པས། སེམས་རྟོག་གིས་ཚོད་འཛིན་དང་རིགས་ཤེས་ཀྱིས་སྙོམས་སྒྲིག་བྱེད་དགོས་མོད་ཀྱི། འོན་ཏེ་མཁྲེགས་པིར་གྱིས་སྐྱ་རིས་འབྲི་རྩལ་དེ་བཟོ་སྐྲུན་གྱི་བཀོད་པ་མཚོན་པར་སྤྱོད་སྐབས་བརྟན་བརླིང་གི་ངང་གཤིས་དང་ཞུམ་མེད་ཀྱི་སེམས་ཤུགས་འཛོམས་དགོས།


素描强调造型,是绘画艺术的母体,注重结构与形式,是单色线条的直观表达,需要心意的节制和理智的协调,而将硬笔素描的技法放置在建筑层面表达则需要刚强的毅力和不竭的心力。

      སྤྱི་ལོ་༡༩༩༨ལོ་ནས་བཟུང་།   ཁོང་ལས་ཀའི་ཞོར་དུ་བོད་ལྗོངས་དང་ཟི་ཁྲོན།  མཚོ་སྔོན།  ཀན་སུའུ།  ཡུན་ནན་སོགས་བོད་ཁུལ་དུ་བསྐྱོད་ཅིང་།  རྟག་པར་གྲོང་ཁྱེར་དང་གྲོང་གསེབ་ཉུལ་ཞིང་། གངས་རི་དང་གཙང་བོ་བརྒལ་ཏེ་ལོ་མང་པོར་འཚོལ་རྟོགས་བྱས་མཐར།   གཞི་ནས་རང་ཉིད་ལ་དབང་བའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ལམ་བུ་ཞིག་རྙེད་པ་རེད།


自1998年起,他利用业余时间,走遍西藏、四川、青海、甘肃、云南等五省藏区,常年穿行在各地的城市乡村、雪山河流间,在多年的不断探索中,走出一条属于自己的艺术之路。

      ཀྲུང་གོའི་རི་མོ་བ་གྲགས་ཅན་དང་བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྟེ།   སྐུ་ཞབས་ཧན་ཧྲུའུ་ལི་ཡིས་ཁོང་གི་བརྩམས་ཆོས་ལ་འདི་ལྟ་བུའི་གདེང་འཇོག་གནང་ཡོད་དེ།   དེང་གི་དུས་སུ་མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག་པའི་བརྩམས་ཆོས་ནི་མཐོང་དཀོན་མོད། ཁྱེད་ཀྱི་བརྩམས་ཆོས་རྣམས་ལ་མཚོན་སྟངས་ཀྱི་ཐད་ནས་སྐྱོན་གང་གིས་ཀྱང་མ་གོས་པར་འདུག་པས།   མགྱོགས་པོར་པར་སྐྲུན་བྱ་བར་རེ་བ་ཆེན་པོ་བཅངས་ཡོད་ཅེས་བརྗོད་ཡོད།


中国著名画家、西藏美协主席韩书力先生曾如此评价他的作品:“现在眼前一亮的作品很少见到,你的系列作品在表现手法上是无可挑剔的,期待尽快出册”。



བོད་ཀྱི་ལྷ་རིས་པ་ཆེན་མོ་བསྟན་པ་རབ་བརྟན་ལགས་ཀྱིས་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་པའི་ངོས་ནས་གདེང་འཇོག་གནང་བ་འདི་ལྟ་སྟེ། རི་མོའི་རིགས་ལས་དངོས་བྲིས་ནི་ཧ་ཅང་འབྲི་ཁག་པོ་ཞིག་ཡིན་ཡང་།  ཁྱེད་ཀྱིས་བོད་ཤོག་སྟེང་དངོས་བྲིས་འབྲི་ཐབས་ཀྱིས་བོད་ཀྱི་སྲོལ་རྒྱུན་བཟོ་སྐྲུན་གྱི་བཀོད་པ་མཚོན་པར་བྱས་པ་དེ། མཚོན་བྱ་དང་མཚོན་བྱེད་གང་ཐད་ནས་དོན་སྙིང་ལྡན་པའི་ཚོད་ལྟ་ཞིག་ཡིན་པས།  ཁྱེད་ཀྱི་བརྩམས་ཆོས་འདི་དག་རྗེས་སུ་བོད་ཀྱི་འཛུགས་སྐྲུན་བཟོ་བཀོདཞིབ་འཇུག་བྱ་བའི་ཐད་ལོ་རྒྱུས་དང་།  རིག་གཞུང་གི་རིན་ཐང་ཧ་ཅང་ཆེ་བ་མ་ཟད།    མི་རབས་རྗེས་མར་རིན་བྲལ་གྱི་ཚེ་ནོམ་བཞག་ཡོད་ཅེས་བརྗོད་ཡོད།



西藏唐卡大师丹巴绕旦从一个藏族传统艺人的角度评价到:“绘画里面难度最大的是写实画,你在藏纸上用写实的画法表现藏族传统建筑,从题材到材料都是一种有益的尝试,你的这批作品将来对研究藏族建筑具有一定的历史、学术价值,给后人留下了一笔宝贵财富”;

    སུའེ་ཏེན་གྱི་རི་མོ་བ་ཧན་ཆི་ཡིས་ཁྱེད་ཀྱི་རི་མོ་ལས་ངས་བོད་ཀྱི་རྒྱུན་རིང་བའི་རིག་གནས་ལོ་རྒྱུས་ལ་རྒྱུས་ལོན་ཟུར་ཙམ་བྱེད་ཐུབ། ངས་ནི་ཐུན་མོང་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་ཐང་ཀ་མཐོང་མྱོང་ཡང་། བོད་མིས་ནུབ་ཕྱོགས་ཀྱི་རི་མོའི་འབྲི་ལུགས་ཀྱིས་རང་གི་རིག་གནས་མཚོན་པར་བྱེད་པ་མཐོང་མ་མྱོང་ལ།   ལྷག་པར་བོད་ཀྱི་འཛུགས་སྐྲུན་བཟོ་བཀོད་ནི་འདི་ལྟར་རྔམ་བརྗིད་ལྡན་ཞིང་རིགས་མང་བ་དེ་བས་ཀྱང་མཐོང་ག་ལ་མྱོང་།  ཁྱེད་ཀྱིས་ཐེངས་འདིར་འདི་ལྟ་བུའི་བརྩམས་ཆོས་མང་པོ་ཞིག་ངའི་མིག་གི་ལོངས་སྤྱོད་དུ་བཤམས་པར་སྙིང་ཁོང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུ།  ཁྱེད་ཀྱི་བརྩམས་ཆོས་ལ་རོལ་མྱོང་བྱས་པར་བརྟེན་ང་རང་བོད་ཀྱི་རིག་གནས་ལ་མོས་པ་སྐྱེ་རུ་བཅུག་སོང་ཞེས་བྲིས་གནང་ཡོད་དོ།།


瑞典画家汉斯写到:“从你的画里我从一个侧面了解了藏族悠久的历史文化,我见过独一无二的藏族传统绘画唐卡,但还没见过藏族人用西方绘画形式表现自己的文化,更没见过藏族建筑如此多样、壮观,你这次带这么多的作品图片跟我共享,我内心表示感谢,通过你的作品我对西藏文化产生了浓厚的兴趣”。



诚邀您参观展览/出席开幕式

开幕时间2017.8.20  下午4:00

地点:西藏牦牛博物馆
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ལྕགས་བྱམས་སྒྲོལ་མ།

རྩོམ་སྒྲིག་པ། ལྕགས་བྱམས་སྒྲོལ་མ།

主编:吾见才让

副主编:吉先卓玛

编辑:吉先卓玛


སེམས་ཀྱི་ཞིང་ཁམས་ཞེས་པའི་སྐད་འཕྲིན་འདི་ནི། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། གླུ་གར་ལ་སོགས་གཙོ་བོར་སྤེལ་བའི་རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ཕྱོགས་སྤྱི་དམངས་སྐད་འཕྲིན་སྟེགས་བུ་གཅིག་པུ་དང་། བོད་ཀྱི་ཤེས་རིག་རྒྱུས་ལོན་བྱེད་སའི་དབང་གྲགས་ཅན་གྱི་སྐར་ཁུང་ཞིག་ཀྱང་ཡིན་པས། རྒྱ་ཆེའི་སྤྱོད་མཁན་ཚོས་སྐད་འཕྲིན་འདིར་དོ་སྣང་བྱེད་པའི་དུས་མཚུངས་སུ། ཁྱེད་ཀྱི་སེམས་ཁོངས་ན་འཕྱུར་བའི་བརྗོད་བྱ་དག་རྩོམ་ལུས་སྣ་ཚོགས་ལ་དྲངས་ནས། ཁྱད་པར་དུ་པར་རིས་དང་བརྙན་ཐུང་གི་བརྩམས་ཆོས་གང་མང་འདི་གར་བསྐུར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།

འབྲེལ་གཏུགས་བྱེད་ས། ༢༠༤༣༢༢༠༡༥༥@qq.com

“阳光西藏”是西藏电视台以西藏历史文化、民俗旅游、藏族歌舞为主要内容的全国唯一藏汉双语官方微信公众平台,是您了解西藏,阅读西藏的权威窗口,我们秉承“权威发布,多样服务”的宗旨,希望广大用户踊跃投稿!

联系地址:2043220155@qq.com


    关注 阳光西藏


微信扫一扫关注公众号

0 个评论

要回复文章请先登录注册