我与妻子的传奇缘分 བདག་དང་བཟའ་ཟླའི་ངོ་མཚར་གྱི་ལས་འཕྲོ།

 

རྩོམ་པ་པོ་ཡུས་ཅེས། བདག་དང་བཟའ་ཟླའི་ལས་འཕྲོ་ནི་《རོ་མའི་...



རྩོམ་པ་པོ་ཡུས་ཅེས།
བདག་དང་བཟའ་ཟླའི་ལས་འཕྲོ་ནི་《རོ་མའི་གུང་གསེང་》(罗马假日)ཞེས་པའི་གློག་བརྙན་ནང་གི་བརྗོད་དོན་ལས་ཀྱང་ངོ་མཚར་གྱི་རང་བཞིན་ཟབ་པ་ཡོད།  མ་གཞི་བདག་སྔར་ནས་དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་ངོ་མཚར་ཆེ་བའི་གཏམ་རྒྱུད་འདི་འདྲ་ཡོད་པར་ཡིད་ཆེས་མེད། འོན་ཀྱང་འདི་དངོས་སུ་མངོན་གྱུར་བྱུང་སོང་།

我与妻子的缘分,比电影《罗马假日》的情节还要富于传奇性。本来我已经不相信20世纪末还有这样的传奇,但它确实发生了。
ཁོ་མོ་ནི་བདག་གི་ཀློག་པ་པོ་ཞིག་ཡིན། ཁོ་མོས་སློབ་ཆེན་སྐབས་སྦྱངས་པ་ནི་དངུལ་རྩའི་སྐོར་རེད། སློབ་གྲྭ་ཐོན་རྗེས་ལྷོ་ཕྱོགས་སུ་ཤང་ཀང་གི་ཀུང་སི་ཞིག་ཏུ་སྡེ་ཁག་ཅིང་ལིའི་འགན་ཁུར་མྱོང་། ཁོ་མོ་རྩོམ་རིག་ལ་དགའ་བ་ནི་རང་གི་ཆེད་ལས་ལས་ཀྱང་ལྡབ་མང་པོས་དགའ་བ་ཡོད། ཐེངས་ཤིག་སྟེས་དབང་གི་གོ་སྐབས་འོག་ཁོ་མོས་བདག་གི་དཔེ་དེབ་《མེ་དང་འཁྱགས་རོམ་》(火与冰)གཟིགས་གནང་འདུག དེར་བརྟེན་ཞིབ་ཆ་མེད་པའི་ས་མིང་ཞིག་བརྒྱུད་ནས་བདག་ལ་འཕྲིན་ཡིག་འདི་འདྲ་ཞིག་ཚོད་ལྟའི་ཚུལ་དུ་བསྐུར་འདུག་སྟེ། ད་ལྟའི་བར་དུ་ཆ་རྒྱུས་མེད་པའི་མི་ལ་འཕྲིན་ཡིག་བསྐུར་མ་མྱོང་། འོན་ཀྱང་ཝང་ཞའོ་པའོ་《王小波》སྐུ་གཤེགས་པ་དེས་བདག་ལ་ཕོག་ཐུག་ཚད་མེད་ཅིག་བྱུང་། རྒྱུ་མཚན་ནི་དེ་སྔོན་ཁོང་ནི་བདག་གི་འཕྲིན་ཡིག་བསྐུར་བསམས་པའི་མི་དེ་ཡིན། དུས་ད་ལྟར་སེམས་ནང་གི་སྐད་ཆ་དག་བརྗོད་འདོད་པའི་མི་དང་བར་ཐག་རྒྱང་སོང་། བདག་ལ་སྔར་བྱུང་མ་མྱོང་བའི་སྐྱོ་སྣང་དང་འགྱོད་སེམས་ཤིག་ལྷག་ཏུ་སྐྱེས་བྱུང་།  འཁོར་བ་ཟང་ཟིང་ཆེ་ལ་མི་ཚེ་འཇམ་ཐིང་ཐིང་། ད་བར་དུ་བདག་གི་འཚོ་བའི་སྒུལ་ཤུགས་དངོས་ནི་ལའོ་སུའུ་《罗素》ཡིས་བརྗོད་པའི་བརྩེ་དུང་ལ་རེ་འདོད་དང་རིག་གནས་ལ་བརྩོན་ལེན། ད་དུང་མིའི་རིགས་ཀྱི་སྡུག་བསྔལ་ལ་སྙིང་ཁོང་རུས་པའི་གཏིང་ནས་སྙིང་རྗེ་སྐྱེ་བ་བཅས་ཀྱི་ལྷད་མེད་དང་སྤྲོ་སེམས་ཀྱི་གནས་ལུགས་དག་རེད་བསམ་བྱུང་། དོན་དུ་སྒུལ་ཤུགས་འདི་འདྲ་ཞིག་གི་འོག་ཏུ་འཚོ་གནས་བྱ་རྒྱུ་ནི་འུ་ཐུག་ཐབས་ཟད་ངང་གྲོགས་མེད་ཁེར་རྐྱང་དུ་འགྱུར་རྒྱུ་ཡིན་པ་ངེས་གཏན་རེད་འདུག གལ་ཏེ་ད་དུང་ཡང་བདག་དང་ལྷན་དུ་མིག་ཆུ་ལྷུང་ནུས་པའི་མིག་ཟུང་གཞན་ཞིག་ཡོད་ན་འཚོ་བ་ཁྲོད་དུ་བདག་གི་དོན་དུ་དཀའ་སྡུག་མང་པོ་འཕྲད་པར་ངེས།

妻子是我的读者。她大学时学的是金融,毕业后在南方的一家香港公司担任部门经理。她喜欢文学远远甚于喜欢自己的专业。一个偶然的机会,她读到了我的《火与冰》,便按照模糊的地址,尝试着给我写了第一封信。她在信中写道:迄今为止从未给陌生人写过信,但王小波的死给了我极大的冲击,因为他就是我曾想要给他写信的人,而如今,信还在心里酝酿,人已渺然不知所向。我体味到前所未有的痛心与悔恨。世事喧嚣,人生寂寞,我一直以为,支撑我生活的动力便是罗素所称的三种单纯然而极其强烈的激情:对爱情的渴望、对知识的追求,以及对人类苦难痛彻肺腑的怜悯。而在这样的动力下生活注定是孤独的,无尽的近乎绝望的孤独。我想,如果还有一双眼睛同我一同哭泣,那么生活就值得我为之受苦吧。
དེར་བརྟེན། ཝང་ཞའོ་པའོ་《王小波》སྐུ་གཤེགས་པ་དང་གྲོགས་མེད་ཁེར་རྐྱང་དུ་གྱུར་པ། ཚེ་སྲོག་གི་གཉོམ་ཆུང་ནུས་མེད་བཅས་རྒྱུ་མཚན་དུ་བྱས་ནས་བདག་གིས་གཞི་ནས་སྨྱུ་གུ་བཟུང་སྟེ་ཁྱེད་ལ་ནན་ཏན་ངང་དྲང་བདེན་གྱི་འཕྲིན་ཡིག་འདི་བསྐུར་བ་ཡིན།  འཕྲིན་ཡིག་འདིས་བདག་གི་ཡིད་སེམས་རབ་ཏུ་འཕྲོག་སྟེ་དེ་མ་ཉིད་དུ་ཁོ་མོར་ཡིག་ལན་ཞིག་བསྐུར་བ་ཡིན། དུས་དེ་ནས་བཟུང་ངེད་གཉིས་དབར་ལ་འཕྲིན་ཡིག་བསྐུར་བའི་སྲོལ་ཡོད་ཅིང་དེ་བས་ཀྱང་ངེད་གཉིས་ཀྱིས་བགྲོ་གླེང་བྱེད་པའི་བརྗོད་གཞི་དག་ནན་ཏན་དང་རྒྱུ་མཚན་ཡོད་པ་ཤ་སྟག་ཡིན་པ་ལས་ན་གཞོན་ཕོ་མོའི་དབར་གྱི་འབྲེལ་བ་མཚོན་པའི་འཕྲིན་ཡིག་དག་དང་མི་འདྲའོ།

于是,因为王小波,因为孤独,因为生命的脆弱与无助,我终于提起了笔,给你,严肃而真诚。

这封信深深地打动了我,我立刻给她回了一封信。从那以后,我们开始通信。我们谈论的都是些严肃而沉重的话题,不太像青年男女之间的通信。


ཕོ་ལོ་༢༦ལ་སོན་པའི་སྐྱེས་སྐར་ཉིན་གྱི་མཚན་གུང་དེ་ལ།  གློ་བུར་དུ་ཆ་རྒྱུས་མེད་པའི་བུ་མོ་ཞིག་གིས་ཁ་པར་བརྒྱབ་བྱུང་།  ཁབ་ལེན་གྱི་འཐེན་ཤུགས་འདྲ་བའི་སྐད་སྒྲ་དེ་ནི་བདག་གི་རྨི་ལམ་ནང་དུ་ཐོས་མྱོང་བ་དང་འདྲ། རེད་ལགས། སྐད་སྒྲ་དེ་ནི་འཕྲིན་ཡིག་དེ་དག་ལས་ཡོང་བ་ཞིག་རེད། བདག་གིས་དེ་རིང་ནི་བདག་གི་སྐྱེས་སྐར་རེད་ཟེར་བ་ཡིན།  འོན་ཀྱང་ཁོ་མོས་དེ་དོན་ཞིབ་པར་ཤེས་མ་བྱུང་ཟེར། བདག་ལ་ཁ་པར་བརྒྱབ་དོན་ཡང་ཁོ་མོས་ད་གིན་འགྲམ་སོ་སྦུག་མའི་སོ་གཅིག་བཀོག་ཟིན། འོན་ཀྱང་སྦྲིད་སྨན་གྱི་ནུས་པ་མ་ཐོན་པར་རྨ་ཁར་ན་ཟུག་ཚད་མེད་བཏང་བྱུང་། དེ་བས་ཀྱང་འཁྲིས་ལ་གཉེན་ཉེ་དང་གྲོགས་མོ་སོགས་མེད་པས་རྒྱུ་མཚན་གང་ཡིན་མ་ཤེས་པར་བདག་གཅིག་པུར་ཁ་པར་བརྒྱབ་པ་ཡིན་ཟེར། ཉིན་དེའི་མཚན་མོར། ངེད་གཉིས་ཀྱིས་གོ་མེད་ཚོར་མེད་ངང་ཁ་པར་ནང་ཆུ་ཚོད་གཅིག་ལྷག་ཙམ་སྐད་ཆ་བཤད་པ་ཡིན། ཁོ་མོས་ཉིན་ལྟར་ཚོང་པ་ཕྱུག་པོ་དག་དང་འབྲེལ་བ་བྱེད་མྱོང་ཡོད་ལ་ད་དུང་ཤང་ཀང་དུའང་རྒྱུ་ནོར་མང་པོ་ཡོད་པའི་ཚོང་པའང་འཕྲད་མྱོང་། འོན་ཀྱང་གསེར་དངུལ་སོགས་དངོས་པོའི་རིགས་དག་རྫོགས་པའི་མཐའ་ཡོད་མོད། སྙན་ངག་པའི་སྙན་ངག་གི་ཚིག་དག་ནམ་ཡང་རང་ཉིད་ཀྱི་སེམས་ནང་ཡོད། མུ་མཐའ་མེད་པའི་དུས་ཚིགས་ཀྱི་ཁྲོད་ནས་སྲིད་ཚོང་པ་དང་འབྱོར་བདག་ག་ཚོད་ཙམ་ཞིག་ཉམས་རྒུད་སོང་རུང་ཉམ་ཐག་དབུལ་ཕོངས་ཀྱི་སྙན་ངག་པ་དག་རང་ཉིད་ཀྱི་སྙན་ངག་དུམ་བུ་གཅིག་གིས་ཀྱང་ནམ་ཡང་གསོན་གསོན་པོར་གནས་ཡོད་ཅེས་བཤད་བྱུང་། སྒེའུ་ཁུང་གི་ཕྱི་རོལ་ན་པེ་ཅིང་དུ་ཆེས་མཐོང་དཀོན་པའི་སྐར་འོད་ཀྱིས་བརྒྱན་པའི་ནམ་མཁའ་ཞིག་རིག་བྱུང་། ལྷོ་ཕྱོགས་ཀྱི་སྐར་འོད་ནི་པེ་ཅིང་ལས་ཀྱང་འོད་འཚེར་བ་ཞིག་ཡོད་ངེས་རེད། དོན་དུ་མཁའ་དབྱིངས་ཀྱི་སྐར་མ་དང་ང་ཚོའི་སེམས་ནང་གི་སྐར་མ་གཉིས་དོ་མཉམ་དུ་གནས་ཡོད། དེ་ཡང་ཁང་ཏིས་(康德)གསུངས་པ་ལྟར། སེམས་ནང་དུ་སྐར་མ་ཡོད་བསམས་པའི་མི་དག་གི་མགོ་སྟེང་དུའང་སྐར་མ་ཡོད་ངེས་པར་གྲགས།

就在我26岁生日的那天深夜,我突然接到一个陌生女孩的电话。那充满磁性的声音,我好像在梦中听到过。对了,那声音来自那些信件! 我说,今天是我的生日。她说她并不知道这一点。她给我打电话的原因是,她刚刚拔掉了一颗智齿,麻药失去药效后,伤口疼得厉害。由于她身边没有亲人和朋友,不知为什么就想给我打电话,只给我一个人打。那天晚上,我们居然在电话中聊了一个多小时。她说,她每天都与那些豪商巨贾打交道,在香港也见到过腰缠万贯的商人,但是,金山银山也有散尽的那一天,而诗人的诗句永远在自己的心中。茫茫时空中,多少政客和富翁灰飞烟灭,穷困潦倒的诗人却能够以一句诗歌而获得永恒。窗外,是北京已经很少见的满天星光,南方的星光一定比北方的还要亮。天空的星辰实际上对应着我们内心的星辰,正像康德说的那样,心中有星星的人,头上才会有星星。
ཉིན་འགའི་རྗེས་ལ། ཁོ་མོར་པེ་ཅིང་ལ་གཞུང་དོན་དུ་འགྲོ་བའི་གོ་སྐབས་ཤིག་ཐོབ་པ་དང་ངེད་གཉིས་པེ་ཅིང་སློབ་ཆེན་གྱི་སྒོ་འགྲམ་དུ་འཕྲད་རྒྱུའི་ཁ་ཆད་བྱས་པ་ཡིན། བདག་གིས་རྒྱང་ཐག་རིང་པོ་ཞིག་ན་སྐྱེ་འབྲས་དྭངས་བའི་བུ་མོ་ཞིག་གྲང་རླུང་གི་ཁྲོད་དུ་ལངས་ཡོད་པ་མཐོང་དུས་མཆུ་སྒྲོས་འཁྱགས་ནས་དཀར་པོར་གྱུར་འདུག་པས་ཁོ་མོ་ཡིན་ངེས་རེད་སྙམ་བྱུང་། ཁོ་མོ་བདག་གི་ཁང་ཆུང་ཐེབས་ཆག་དེའི་ནང་ཡོང་བ་དང་བདག་གིས་གློག་ཀླད་ཁ་ཕྱེ་ནས་གསར་དུ་བརྩམས་པའི་རྩོམ་ཡིག་དེ་ཁོ་མོར་བསྟན་པ་ཡིན། ཁོ་མོས་འཛེམ་བག་སྤུ་ཙམ་མེད་པར་དེའི་སྟེང་དུ་བསྐྱར་ནས་བསྐྱར་དུ་བཟོ་བཅོས་བྱེད་པ་ནི་ཁོ་མོ་རང་ཉིད་ཀྱི་རྩོམ་ཡིག་བཟོ་བཅོས་བྱེད་པ་དང་འདྲ། ད་བར་དུ་ཚེ་སྲོག་དང་འདྲ་བར་ཡི་གེའང་བརྩི་མཐོང་ཆེན་པོ་བྱེད་མཁན་གྱི་བདག་གི་ངོས་ནས་བརྗོད་ན་ཁོ་མོའི་“མ་རབས་”ཀྱི་བྱེད་སྟངས་འདི་ལ་བསམ་ཡུལ་ལས་འདས་པར་རླུང་ལངས་མ་བྱུང་། ད་གིན་ཐུག་འཕྲད་བྱུང་ནའང་གུས་ལུགས་ཡོད་ཚད་སྔར་ནས་མེད་པར་ཆགས་དུས་ངེད་གཉིས་དུས་རབས་ཁ་ཤས་ཤིག་ནས་ངོ་ཤེས་པ་དང་འདྲ། རྗེས་སུ་བཟའ་ཟླས་སྐབས་དེ་དུས་ཁོ་མོར་ཆེས་ཡ་མཚན་གྱི་ཚོར་སྣང་ཞིག་བྱུང་ལ་དེ་བས་ཀྱང་ཁང་ཆུང་དེ་ནི་ཁོ་མོ་རང་ཉིད་ལ་དབང་བ་རེད་སྙམ་བྱུང་ཟེར། ཐེངས་གཅིག་གིས་ཐུག་འཕྲད་བརྒྱུད་ཡོད་ཚད་གཞི་ལྷོད་པོར་གནས་སོང་། ཁོ་མོ་ལྷོ་ཕྱོགས་སུ་ཐེངས་གཅིག་ལོག་ཞོར་སྐབས་དེ་དུས་རང་ཉིད་ལ་བདག་པའི་བྱ་དངོས་ཡོད་ཚད་བློས་གཏོང་བྱས་ལ་སྦྱིན་བདག་ནས་ཀྱང་གླ་ཕོགས་ལྡབ་གཅིག་སྤྲད་རྒྱུ་དང་ད་དུང་སྤྲོ་ཁང་ཆ་ཚང་གཅིག་ཀྱང་རང་འདོད་ལྟར་སྤྱད་ཆོག་པ་བཀོད་སྒྲིག་བྱ་ཆོག་ཟེར་ཡང་ཁོ་མོས་འཛུམ་ཙམ་བྱེད་པ་ལས་ཁས་ལེན་བྱས་མི་འདུག དེ་ནས་ཁོ་མོ་པེ་ཅིང་ཟེར་བའི་རྒྱུས་མངའ་མེད་ལ་དང་གྲང་ཟུག་ཆེ་བའི་གྲོང་ཁྱེར་འདི་རུ་སླེབས་པ་དང་། རྟག་ཏུ་ཆུ་དང་གློག་ཆད་འགྲོ་བའི་བདག་གི་ཁང་ཆུང་འདི་རུ་སླེབས་པ་ནས་བཟུང་། བདག་དང་ལྷན་དུ་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྱི་མི་ཚེའི་གཏན་གྲོགས་སུ་གྱུར།  དེ་སྔོན་ཁོ་མོ་ནི་དར་སྲོལ་ཆེ་བའི་གྲོང་ཁྱེར་ཆེན་པོའི་གོང་བ་དཀར་པོའི་གྲས་ཡིན་ལ་གྲགས་ཅན་ཚོང་རྟགས་གྱི་གྱོན་ཆས་གོན་རྒྱུ་ཡོད་ཅིང་རིན་གོང་ཆེ་བའི་མཛེས་འཆོས་བྱུག་རྫས་ཀྱང་སྤྱོད་རྒྱུ་ཡོད། ད་དུང་བུད་མེད་ཀྱི་ལུས་སྦྱོང་སྤྲོ་སྐྱིད་ཁང་དུའང་འགྲོ་མྱོང་། དུས་ད་ལྟར་ཁོ་མོས་སྐབས་དེ་དུས་ཀྱི་རྒྱས་སྤྲོས་ཀྱི་འཛད་སྤྱོད་བྱེད་པའི་གོམས་གཤིས་དག་དོར་ཟིན། རྒྱུ་མཚན་ནི་ཁོ་མོས་གདམ་ག་བྱེད་པའི་མི་ཚེའི་གཏན་གྲོགས་ནི་དཔེ་ཆ་བ་དབུལ་པོ་ཞིག་ཡིན་པས་རེད། དུས་མཚུངས་ཁོ་མོས་ཀྱང་ཀྱག་ཀྱོག་ཆེ་བའི་མི་ཚེའི་བགྲོད་ལམ་དེ་བདམ་པ་རེད། དེ་སྔོན་བདག་གིས་བརྟན་བརྟན་ཏིག་ཏིག་ངང་ཁོ་མོར་གལ་སྲིད་ཉིན་ཞིག་བདག་ཨུ་རུ་སུའི་ཟླ་བ་བཅུ་གཉིས་པའི་ཏང་མི་(俄罗斯的十二月党人)ནང་བཞིན་ཆགས་ནས་རྒྱང་ཐག་རིང་བའི་ཞི་པོ་ལི་ཡར་(西伯利亚)རྒྱང་འབུད་གཏང་ན་ཁྱེད་རང་ཇི་ལྟར་བྱ་རྒྱུ་ཡིན་ཞེས་བརྗོད་དུས་ཁོ་མོས་མས་མཆུར་སོ་རྒྱག་ཞོར་བདག་དང་མཉམ་དུ་ཡོང་སྟེ་རི་ཀླུང་ཐམས་ཅད་གངས་ཀྱིས་བཏུམས་པའི་གནས་དེ་རུ་ངེད་གཉིས་ཕན་ཚུན་དྲོ་སྐྱིད་སྦྱིན་རོགས་བྱ་ཆོག་ཟེར་བྱུང་།

几天以后,她获得了一次到北京出差的机会,我们约好在北大校门前见面。远远地,我就看见了一个清秀的女孩站在寒风中,嘴唇冻得发白。我想,一定是她。她来到我那简陋的小屋,我打开电脑给她看我新写的文章。她毫不客气地就在上面修改起来,好像在修改自己的文章,而一向像珍惜生命一样珍惜自己文字的我,对她这种“放肆”的行为,居然没有生气。刚刚见面,一切礼仪都已经消失了,我们好像认识了几个世纪。后来,妻子说,当时她就有一种十分奇妙的感觉,觉得这间小屋就好像是属于她自己的。 见了第一面,一切就已经尘埃落定。她回了一趟南方,放弃了当时拥有的所有东西。老板提出给她加一倍的薪水,并安排一套别墅给她自由使用。她微微一笑,拒绝了。于是,她来到北京这座陌生而寒冷的城市,来到我这间时常停水、停电的小屋,成了与我风雨同舟的人生伴侣。她曾经是时尚的都市白领,穿名牌的衣服,用昂贵的化妆品,去女子健身俱乐部。如今,她舍弃了当初这些奢侈的消费习惯,因为她选择的人生伴侣是一个穷书生。同时,她也选择了一条颠沛坎坷的人生道路。我曾经很认真地问她:“假如有一天我像俄罗斯的十二月党人那样,被流放到遥远的西伯利亚去,你怎么办?”她咬了咬小虎牙,说:“我跟你一起去!在那冰天雪地中,我们互相温暖对方。”
ཡོང་ཁུངས། དྲ་ཐོག་ནས་ཕབ་ལེན་བྱས།

ཡུས་ཅེས་བརྩམས།

གཡང་དཀར་ལུ་གུས་བསྒྱུར།
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ལྕགས་བྱམས་སྒྲོལ་མ།

རྩོམ་སྒྲིག་པ། ནོར་བུ་དོན་གྲུབ།
主编: 吾见才让

副主编:吉先卓玛

责编: 罗布顿珠
སེམས་ཀྱི་ཞིང་ཁམས་ཞེས་པའི་སྐད་འཕྲིན་འདི་ནི། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། གླུ་གར་ལ་སོགས་གཙོ་བོར་སྤེལ་བའི་རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ཕྱོགས་སྤྱི་དམངས་སྐད་འཕྲིན་སྟེགས་བུ་གཅིག་པུ་དང་། བོད་ཀྱི་ཤེས་རིག་རྒྱུས་ལོན་བྱེད་སའི་དབང་གྲགས་ཅན་གྱི་སྐར་ཁུང་ཞིག་ཀྱང་ཡིན་པས། རྒྱ་ཆེའི་སྤྱོད་མཁན་ཚོས་སྐད་འཕྲིན་འདིར་དོ་སྣང་བྱེད་པའི་དུས་མཚུངས་སུ། ཁྱེད་ཀྱི་སེམས་ཁོངས་ན་འཕྱུར་བའི་བརྗོད་བྱ་དག་རྩོམ་ལུས་སྣ་ཚོགས་ལ་དྲངས་ནས། ཁྱད་པར་དུ་པར་རིས་དང་བརྙན་ཐུང་གི་བརྩམས་ཆོས་གང་མང་འདི་གར་བསྐུར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།

འབྲེལ་གཏུགས་བྱེད་ས། ༢༠༤༣༢༢༠༡༥༥@qq.com

“阳光西藏”是西藏电视台以西藏历史文化、民俗旅游、藏族歌舞为主要内容的全国唯一藏汉双语官方微信公众平台,是您了解西藏,阅读西藏的权威窗口,我们秉承“权威发布,多样服务”的宗旨,希望广大用户踊跃投稿!

联系地址:2043220155@qq.com


    关注 阳光西藏


微信扫一扫关注公众号

0 个评论

要回复文章请先登录注册